21864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐིག་ལེ་བྱང་སེམས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཐིག་ལེ་བྱང་སེམས་ཞེས་པ་ནི་མིའི་ཁམས་ཀྱི་དྭངས་མ་ཀུན་ད་བྱང་ཆུབ་ཀྱི་སེམས་སམ་ཁམས་དཀར་དམར་ལ་གོ་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་དབང་མདོར་བསྟན་གྱི་འགྲེལ་པ་ཟབ་མོའི་དོན་མཐའ་དག་གསལ་བར་བྱེད་པའི་ཉི་མ་ལས། རྡུལ་ཆོས་ཉིད་ལ་བལྟོས་པའི་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་མམ། སྦོམ་པོ་དྭགས་མ་ཤིན་ཏུ་དྭགས་མ་གསུམ་མོ། །ཡང་ན་རགས་པ་བར་མ་ཕྲ་མོ་གསུམ་མམ། སླ་བ་དང་། བསྐ་བ་དང་། ཤིན་ཏུ་བསྐ་བ་གསུམ་ཞེས་ཀྱང་གྲགས་སོ། །དེ་དག་ལས་གཏུམ་མོ་འབར་བས། ཕུང་ཁམས་ཐ་མལ་གྱི་ཆོས་ཇེ་ཆུང་དུ་སྲེག་པ་དང་། ཐེག་ལེ་ཞུ་ཞིང་ཇེ་རྒྱས་སུ་འགྲོ་བ་ལས། ཐིག་ལེ་རིམ་པ་གསུམ་ཡང་ཕྱི་མ་ཕྱི་མ་ཇེ་རྒྱས་དང་། སྔ་མ་སྔ་མ་བསྲེགས་ནས་མཐར་རྡུལ་ཆོས་ཀྱི་ཐིག་ལེ་དྭངས་ཤོས་དེ། རྗེས་ཆགས་ཀྱིས་ཞུ་ནས་ནོར་བུར་སླེབ་པ་ན་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་བཅིངས་པས། ཐིག་ལེ་དེ་ཉིད་རིལ་པོའི་ཆ་ཤས་ནས། བེམ་ཆོས་ཡལ་ཏེ་སྟོང་གཟུགས་སུ་སོང་ནས། འཆིང་བྱེད་ཀྱི་སྟོང་གཟུགས་དང་རོ་གཅིག་ཏུ་གྱུར་པ་ན། ཐིག་ལེ་ཡང་ཡིན་ལ་སྟོང་གཟུགས་ཀྱང་ཡིན་པས། སྟོང་པ་ཉིད་ཀྱི་ཐིག་ལེའམ། ཐིག་ལེ་ཆེན་པོ་འམ། དྭངས་མ་ཆེན་པོ་ཞེས་བྱའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཐིག་ལེ་བྱང་སེམས་

|; |@@@ | | }}