2189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མ་ (1)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། དབུ་མ་གཞན་སྟོང་། དབུ་མའི་རྣམ་གྲངས་བཅུ་བཞིའི་ཡ་གྱལ་ཞིག་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། ཀུན་བཏགས་པའི་ཆོས་ཕྱི་རོལ་གྱི་དོན་གཟུགས་སྒྲ་སོགས་སུ་ཐམས་ཅད་བདེན་པ་གཉིས་ཀར་གྱི་ངོ་བོར་མེད་པའི་ཕྱིར་རྟག་མཐའ་ལས་གྲོལ་ཞིང། འོན་ཀྱང་བློ་འཁྲུལ་བའི་ངོ་བོར་སྣང་བའི་ཕྱིར་ཆད་པའི་མཐའ་ལས་གྲོལ་ཞིང། དེ་ལྟར་མཐའ་གཉིས་དང་བྲལ་བ་དེ་ནི་ཀུན་རྫོབ་བདེན་པར་ཡང་མེད་པའི་ཕྱིར། ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །ཞེས་འབྱུང་ངོ་། །ཀུན་རྫོབ་ཙམ་གྱི་དབུ་མ་དེ་ལ་བདག་མེད་གཉིས་སུ་དབྱེ་ན་ཆོས་ཀྱི་བདག་མེད་ལ་ལྟོས་པའི་དབུ་མ་དང་མཚན་ཉིད་གསུམ་སུ་དབྱེ་ན་ཀུན་བཏགས་ལ་ལྟོས་པའི་དབུ་མ་ཡང་གྲགས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མ་

|; |@@@ | | }}