21910
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚིག་དོན་མཛོད་ལས་བྱུང་བ་སྟེ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐུམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐིམ་ལུགས་བརྒྱད་
|; |@@@ | | }}