21914

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུ་ (1)
Part of speech རྒྱན་ཚིག
Definition སྔ་མའི་རྒྱུན་མུ་མཐུད་དེ་ཤུགས་ཆེ་རུ་སོང་བ་སྟེ།
Example ཉམས་མྱོང་མང་པོ་བསགས་ནས་མི་ཐུ་རུ་སོང་འདུག ཐ་མག་འཐེན་ནས་གློ་ནད་ཐུ་རུ་ཕྱིན་སོང་ལྟ་བུ།
ཐུ་ (2)
Part of speech རྒྱན་ཚིག
Definition རྒོད་པོའམ་དཔའ་བའི་དོན་ཏེ།
Example འདུལ་བའི་གླེང་འབུམ་ལས། ཕོ་ཐུ་ན་ནི་གང་བཙན་པའི་རྫོང་འབེབས་པའམ། ཉེན་གང་ཆེར་གཏོང༌། མ་ཐུ་ན་ནི་ཆུང་མས་ཀྱང་བརྡུང༌། ཞེས་པ་ལྟ་བུ།
ཐུ་ (3)
Part of speech རྒྱན་ཚིག
Definition མཆིལ་མ་འདེབས་སྐབས་ཀྱི་སྒྲའི་ཁྱད་པར་ཞིག་སྟེ།
Example གཞན་གྱི་གདོང་ལ་མཆིལ་མ་ཐུ་ཐུ་འདེབས་པ་ནི་མ་རབས་ཀྱི་བྱ་སྤྱོད་རེད་ལྟ་བུ།
ཐུ་ (1)
Part of speech མིང་ཚིག
Definition ཐུ་བ་ཞེས་པའི་ཚིག་བསྡུས་པ།