21920
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སམྦྷོ་ཊ་འཁྲུངས་སའི་བོད་ཐོན་ཡུལ་གྱི་རུས་ཤིག་གི་མིང་ཡིན་ལ། ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ནི་སྙེ་མོ་ཐོན་ནས་ཡིན་པ་དང་ས་གནས་དེར་ཐོན་ལུག་ར་ཁ་བྱ་བའི་གྲོང་དང་དེའི་ས་ཞིང་ཡང་ངག་རྒྱུན་དུ་ངོས་འཛིན་རྒྱུ་ཡོད་ཅིང་། ཐོན་པ་ནི་ཐོན་མི་སམ་བྷོ་ཊའི་མི་བརྒྱུད་ཡིན་ཞེས་གསུང་བ་ཡང་མཐོང་། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང་། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་སོགས་བོད་ཀྱི་མཁས་པ་མང་ཆེ་བས་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ནི་ལྷོ་ཁ་གཉལ་གྱི་ས་འབོ་རྭ་ཞེས་པའི་གྲོང་ཚོ་དེ་ནས་ཡིན་པར་བཞེད་པ་བཅས་མི་འདྲ་བ་ཡོད། |
{{#arraymap:ཐུ་མི་
|; |@@@ | | }}