21936

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུག་ (1)
Part of speech བྱ་ཚིག
Definition ཕན་ཚུན་མཇལ་འཕྲད་བྱུང་བའི་དོན་ཏེ།
Keyword True
Example སྟབས་ལེགས་ནས་གྲོགས་པོ་དང་ཐུག་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ཐུག་ (2)
Part of speech བྱ་ཚིག
Definition ལག་པ་སོགས་ཀྱི་དངོས་པོ་རྣམས་རེག་པའི་དོན་ཏེ།
Keyword True
Example སྲ་སྙི་ལག་པས་ཐུག་ནས་བལྟས་ལྟ་བུ།
Transitive བྱ་བྱེད་ཐ་དད་པ།
Verb Form གཟུགས་མི་འགྱུར་བ།
ཐུག་ (1)
Part of speech མིང་ཚིག
Definition དུས་དང་གནས་ཀྱི་བར་ཐག་མུ་མཐུད་ནས་གནས་པར་སྟོན་པ་སྟེ།
Keyword True
Example གནའ་ནས་ད་ལ་ཐུག་པའི་ཚེ། ད་ནས་མཐའ་ལ་ཐུག་གི་བར་དུ། ཨ་མདོ་ནས་ལྷ་ས་ལ་ཐུག་གི་བར་དུ་ལྟ་བུ།
ཐུག་ (2)
Part of speech མིང་ཚིག
Definition ཕྱུགས་ཀྱི་རྒྱུད་སྤེལ་ཆེད་དུ་དབང་པོ་ཉམས་པ་མ་བྱས་པའམ་ཕྱ་མ་བཅད་པའི་ནོར་དང་ར་ལུག་ཕོ་ཕྱུགས་ཀྱི་མིང་།
ཐུག་ (3)
Part of speech མིང་ཚིག
Definition ཐུག་པ་ཞེས་པའི་ཚིག་བསྡུས་པ་སྟེ།
Example ཕྱེ་ཐུག འབྲས་ཐུག་ལྟ་བུ།