2195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྟུང་བའི་དོན་ནི། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་བྱེད་པ་དེ་ཡིན་ཏེ། ཕར་ཕྱིན་ཤེར་ཕྱིན་དོན་གསལ་ལས། མཐའ་དེ་དག་ཏུ་ལྟུང་བའི་དོན་ནི། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་བྱེད་པ་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྟུང་བའི་དོན་ཡིན། ཞེས་གསུངས་སོ། །
Domain ཆོས་ལུགས།
ཀུན་རྫོབ་ལ་ལྟོས་པའི་སྲིད་མཐར་ལྟུང་བ་ (2)
Part of speech མིང་ཚིག
Definition ཀུན་རྫོབ་ལ་ལྟོས་པའི་ཞི་མཐར་ལྟུང་བའི་དོན་ནི། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་རྒྱུན་ཆད་ཙམ་གྱི་སྟོབས་ཀྱིས་ཐོབ་པའི་དམན་པའི་མྱང་འདས་མཐའ་གཅིག་ཏུ་བླང་བྱར་ཞེན་པ་དེ་ཡིན་ནོ། །