2196
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤེས་པ་བཅུའི་ཡ་གྱལ་ཞིག་སྟེ། བདེན་པ་མ་མཐོང་གོང་གི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཤེས་པའོ། །དེའི་དམིགས་ཡུལ་ནི་ཅི་རིགས་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ནོ། །དེ་ཡང་དེའི་རྣམ་པ་ལ་ཁྱད་པར་འདི་ལྟར་ཡོད་དེ། ཀུན་རྫོབ་ཤེས་པ་སྦྱོར་ལམ་ལ་ཡོད་པ་དག་ཆོས་ཤེས་དང་རྗེས་སུ་ཤེས་པ་བཞིན་དུ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཅན་ཡིན་ལ། །གནས་སྐབས་གཞན་ན་ཡོད་པ་ནི་རྣམ་པ་གཞན་དུའང་ཡིན་ཏེ། མི་སྡུག་པ་དང་དབུགས་འབྱུང་རྔུབ་དང་བྱམས་སོགས་སྒོམ་པ་ན་རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་དག་ཏུ་མ་ཟད་བུམ་པ་སྣམ་བུ་དང་ཟོ་ཞིག་འཐུང་ཞིག་སོང་ཞིག་འདུག་ཅིག་ཅེས་པ་ལ་སོགས་པ་རང་སྤྱིའི་མཚན་ཉིད་ལས་གཞན་པའི་རྣམ་པ་ཅན་ཡང་ཡོད་དོ། །ཀུན་རྫོབ་ཤེས་པ་དེའི་ངོ་བོ་ནི་ཅི་རིགས་པ་དགེ་བ་དང་མི་དགེ་དང་ལུང་མ་བསྟན་རྣམ་པ་གསུམ་ཆར་ཡིན་ནོ། །གཞན་ཡང་འདི་ནི་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱི་ས་རྣམས་ཐམས་ཅད་ན་ཡོད་དེ། ཁམས་གསུམ་ལ་དམིགས་པ་ཐམས་ཅད་དེར་འདོད་པས་སོ། །ཀུན་རྫོབ་ཤེས་པ་འདི་ནི་དྲན་པ་ཉེར་གཞག་བཞི་པོ་རེ་རེ་ནས་ཡིན་པ་ཡོད་དེ། ཅི་རིགས་པ་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་དུ་དམིགས་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་པའི་རྟེན་ཅན་ཡང་ཡིན་ནོ། །ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་ནི་ཤེས་པ་བཅུ་ཆར་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་ཆོས་རྣམས་ཆོས་བཅུར་ཕྱེ་བ་བཅུ་པོ་ཐམས་ཅད་དེས་དམིགས་པར་བྱེད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་རྫོབ་ཤེས་པ་
|; |@@@ | | }}