21976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་ཀྱི་བརྣག་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྐྱེ་བོ་ཕལ་གྱི་ཞེ་བརྣག་ལྟ་བུ་མ་ཡིན་པ་གདུལ་བྱ་གང་ཞིག་ཐུགས་རྗེ་ཞི་བས་མ་ཐུལ་བ་ལ་ཐུགས་བརྩེ་ཟབ་མོས་རྗེས་སུ་བཟུང་སྟེ། ཐབས་མཁས་ཁྲོས་པའི་རྣམ་པར་སྟོན་ཏེ་ལམ་ལ་འགོད་པར་མཛད་པའི་དོན་ནོ། །རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ལས། ཧྲི་ཙ་གཡང་སར་འགྲོ་ལ་མ་ཡིས་བརྡེག་པ་བཞིན། སྐུ་མདོག་ཕྱག་མཚན་འབར་བར་བྱོན་པ་ཡིས། གསོད་པའི་ཚུལ་གྱིས་ཐམས་ཅད་གསོ་བར་བྱེད། ཅེས་གསུངས་པ་བཞིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུགས་ཀྱི་བརྣག་པ་

|; |@@@ | | }}