2198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་སྒྲུབ་བྱེད་ཀྱི་དཔེ་ཉེར་འཇལ་གྱི་ཚད་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཉེ་བར་འཇལ་གྱི་ཚད་མ་ཡང་འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མེན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ་ཞེས་གསུངས་པ་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །དབུ་མ་རྣམ་ངེས་བང་མཛོད་ལས། དཔེ་ཉེར་འཇལ་གྱི་ཚད་མ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་གཉིས་སྣང་ཅན་གྱི་རིག་པ་གང་ཞིག འཇིག་རྟེན་གྱི་དཔེ་ལ་བརྟེན་ནས་འཇིག་རྟེན་རང་ལ་གྲགས་པའི་ལྐོག་ཏུ་གྱུར་པའི་དོན་འགའ་ཞིག་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། བ་ལང་ཇི་ལྟ་བུ་སྙམ་པ་ལ་བ་མེན་དང་འདྲ་བའོ། །ཞེས་པའི་ངག་ལ་བརྟེན་ནས་བ་ལང་རང་མཚན་ལ་མི་སླུ་བའི་རིག་པ་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་སྒྲུབ་བྱེད་ཀྱི་དཔེ་ཉེར་འཇལ་གྱི་ཚད་མ་

|; |@@@ | | }}