21988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་ཀྱི་སྟོབས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སངས་རྒྱས་ཀྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་སྟེ། མཆིམས་མཛོད་ལས། སངས་རྒྱས་ལ་མངའ་བའི་ཤེས་པ་བཅུ་པོ་འདི་དག་ནི་སྟོབས་ཡིན་ཏེ། གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་རོ། །ཞེས་དང་། དེ་ལྟར་ན་མཁྱེན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར་སངས་རྒྱས་ཀྱི་ཐུགས་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཐའ་ཡས་པ་ཡིན་ནོ། །ཞེས་གསུངས། སེར་སྨད་རྒྱལ་དབང་མཛོད་ལས། སངས་རྒྱས་ཀྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའི་དོན་སྦྱོར་བ་འབད་རྩོལ་ལ་མ་ལྟོས་པར་བཞེད་པ་ཙམ་གྱིས་མཁྱེན་པའི་དོན་ཡིན་པ་ལས་ཡུལ་སོ་སོ་ལ་མི་ཐོགས་པའི་དོན་མ་ཡིན་པའི་ཕྱིར། གལ་ཏེ་ཡུལ་སོ་སོ་ལ་མི་ཐོགས་པར་འདོད་ན། འོ་ན། གོང་དུ་སྟོབས་བཅུ་པོ་སོ་སོ་ལ་ཤེས་པ་ཇི་ཙམ་འབྱུང་དང༌། ཤེས་པ་སོ་སོའི་ཡུལ་དུ་ཆོས་བཅུ་ལས་འདི་འགྱུར་དང་འདི་མི་འགྱུར་ཞེས་བཤད་པ་རྣམས་དང་འགལ་བར་འགྱུར་ལ། གནས་དང་པོར་ཡུལ་ཐོགས་དང་དམིགས་ཐོགས་སོགས་ཀྱི་ཁྱད་པར་བཤད་པ་རྣམས་དང་ཡང་འགལ་བར་འགྱུར་རོ། །དེས་ན་སངས་རྒྱས་ཀྱི་མཁྱེན་པ་སྤྱི་ཙམ་པ་དེ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་ཡིན་ལ། དེའི་བྱེ་བྲག་རེ་རེ་ནས་ཕྱེ་ན་ཤེས་བྱ་དེ་དང་དེ་ལ་ཐོགས་པ་ཤ་དག་ཡིན་ནོ། །ཞེས་སྨྲ་དགོས་པ་ནི་འདོད་ཚུལ་གྱི་སྐྱོན་ཡིན་ཀྱང་གནས་སྐབས་གྲུབ་མཐའི་རང་ལུགས་ལ་དེ་ལྟར་སྨྲ་བ་ལས་འོས་མེད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐུགས་ཀྱི་སྟོབས་

|; |@@@ | | }}