22005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་ཆེན་གསང་འདུས་སྒྲུབ་ཆེན་བུམ་སྒྲུབ་ཚེ་ཉུ་ལེ་བསྐྲད་པའི་ཟིན་བྲིས་ (1)
Part of speech མིང་ཚིག
Definition ཐུགས་ཆེན་གསང་འདུས་སྒྲུབ་ཆེན་བུམ་སྒྲུབ་ཚེ་ཉུ་ལེ་བསྐྲད་པའི་ཟིན་བྲིས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ མ་འོངས་དོན་ཕྱིར་གསང་བའི་གཏེར་དུ་སྦས༔ མ་འོངས་དུས་ན་རིགས་ལྡན་སྙིང་གི་བུ༔ ལས་ཅན་གཅིག་དང་ཕྲད་ནས་གསང་སྔགས་ཀྱི༔ བསྟན་པ་མི་ནུབ་ཡུན་རིང་བཙས་སུ་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་ཕྱུངས། འདིའི་ནང་དོན་ལ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་གྱི་སྐབས་སུ་བུམ་པ་སྒྲུབ་པའི་ཚེ་ཉུ་ལེ་སྐྲོད་མཁན་རྡོ་རྗེ་སློབ་དཔོན་ནམ། ཡང་ན་མཐུན་དཔོན་གྱིས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སྒོ་ནས་རྫས་དང་ལས་ཆོག་ལ་བརྟེན་ནས་ཉུ་ལེ་ཇི་ལྟར་བསྐྲད་ཚུལ་བསྟན།
Domain ཆོས་ལུགས།

{{#arraymap:ཐུགས་ཆེན་གསང་འདུས་སྒྲུབ་ཆེན་བུམ་སྒྲུབ་ཚེ་ཉུ་ལེ་བསྐྲད་པའི་ཟིན་བྲིས་

|; |@@@ | | }}