From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐུགས་དམ་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་གཏིང་ནས་དམ་བཅའ་བཞག་པའི་དོན་ཏེ།
|
| Example
|
ཐུགས་དམ་ཞལ་བཞེས་རྗེས་སུ་དྲན་མཛོད་ལ། །བསྟན་དང་བསྟན་འཛིན་སྐྱོངས་ཤིག་སྲུང་མའི་ཚོགས། །ལྟ་བུ།
|
| Type
|
ཞེ་ས།
|
ཐུགས་དམ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུན་གྱི་ཉམས་ལེན་གྱི་དོན་ཏེ།
|
| Example
|
ཐུགས་དམ་ཕྱག་རྒྱ་ཆེན་པོ་ལ་གནང་བས་ཚེ་གཅིག་ལ་གྲུབ་པའི་ས་མཐོར་གཤེགས་ལྟ་བུ།
|
ཐུགས་དམ་ (3)
| Part of speech
|
མིང་ཚིག
|
| Definition
|
མོ་དང་ལུང་བསྟན་གྱི་དོན་ཏེ།
|
| Example
|
ལྷ་དང་བླ་མ་ལ་ཐུགས་དམ་ཞུས་ལྟ་བུ།
|
| Domain
|
ཆོས་ལུགས།
|
ཐུགས་དམ་ (4)
| Part of speech
|
མིང་ཚིག
|
| Definition
|
བཀའ་གཏེར་གྱི་རྒྱུད་སྡེ་ནས་བཤད་པའི་ཞི་དྲག་གི་ལྷ་ཡེ་ཤེས་པ། གང་ཟག་རང་རང་གིས་ཐུན་མིན་ནམ་དམིགས་བསལ་དུ་བསྟེན་པའི་ཡི་དམ་ལ་ཡང་གོ །
|