22025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་དམ་མི་གཡེལ་རྫས་སུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་ལྷ་ཚོགས་དབྱིངས་ནས་སྤྱན་འདྲེན་ཞིང་བཞུགས་པའི་རྟེན་རྒྱན་ལྡན་གྱི་བུམ་པ་དང་ལོངས་སྤྱོད་བཅུད་ལྡན་གྱི་ཡོལ་ཆེན་དག་ལ་འཇུག་ཅིང་འབུལ་བའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བུམ་པ་རྒྱན་ལྡན་ཡོལ་ཆེན་སྣོད། ཐུགས་དམ་མི་གཡེལ་རྫས་སུ་བསྙེན། ཞེས་པས། རྒྱན་ལྡན་གྱི་བུམ་པ་དང་བཅུད་ལྡན་མཚན་ལྡན་གྱི་ཡོལ་ཆེན་དག་བསྒྲུབ་བྱའི་ཡི་དམ་ལྷ་ཚོགས་རྣམས་ལ་དབུལ་བྱར་བསྟན་པ་ཡིན་ནོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུགས་དམ་མི་གཡེལ་རྫས་སུ་བསྙེན་པ་

|; |@@@ | | }}