2205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་སྒྲུབ་བྱེད་ཀྱི་ལུང་ཚད་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ལུང་ཚད་མས་བརྗོད་པ་ཡང་། ཚིག་གསལ་ལས། དེ་བཞིན་གཤེགས་པ་རྣམས་ནི་དངོས་པོའི་རང་བཞིན་འཐད་པ་དང་འགལ་བ་གསུངས་པ་མ་ཡིན་ཏེ། རང་ཉིད་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁས་པ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་གསུང་ཚད་མར་བྱེད་དེ། འཐད་པ་དང་བཅས་པས་མི་སླུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉེས་པ་མ་ལུས་པ་སྤངས་པ་ཡིད་ཆེས་པའི་ངག་ལས་འོངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་རམ། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ། དེ་ལ་བརྟེན་ནས་འཇིག་རྟེན་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་གསུང་ཉིད་ལུང་ཉིད་དུ་རྣམ་པར་བཞག་ལ། དེ་ལས་གཞན་གྱི་གཞུང་ལུགས་རྣམས་ནི་འཐད་པ་དང་བྲལ་བས་ཚད་མ་མིན་པ་ཉིད་དང་། ལུང་མིན་པ་ཉིད་དུ་རྣམ་པར་བཞག་གོ ། ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །ལུང་ཚད་མ་ལ་མཚན་ཉིད་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་གཉིས་སྣང་ཅན་གྱི་རིག་པ་གང་ཞིག ཡིད་ཆེས་སུ་གྱུར་བའི་ཚིག་ལས་འཇིག་རྟེན་ལ་གྲགས་པའི་ལྐོག་གྱུར་གྱི་དོན་འགའ་ཞིག་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། ཁོ་བོ་ཁང་པའི་ནང་ནས་ཕྱིར་འབྱུང་བའི་དུས་སུ་ཚང་མང་ན་མེ་ཡོད་དོ། །ཞེས་པ་ལྟ་བུ་ཉི་ཚེ་བའི་ལྐོག་གྱུར་རྟོགས་པའི་ལུང་ཚད་མ་དང་། མཆོད་སྦྱིན་བརྒྱ་བྱིན་པས་ལྷའི་དབང་པོའི་གོ་འཕང་ཐོབ་བོ་ཞེས་པ་ལྟ་བུའི་ལྐོག་གྱུར་ལ་མི་སླུ་བའི་ལུང་ཚད་མའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་བང་མཛོད་ལས་གསུངས་སོ། །ལུང་ཚད་མ་ནི། ལས་འབྲས་ཀྱི་རྣམ་བཞག་སྟོན་པའི་ལུང་ལ་བརྟེན་ནས་ལས་རྒྱུ་འབྲས་ཐ་སྙད་དུ་བདེན་པར་རྟོགས་པའི་བློ་ལྟ་བུའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་སྒྲུབ་བྱེད་ཀྱི་ལུང་ཚད་མ་

|; |@@@ | | }}