2208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རྫོབ་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མ་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །ཞེས་དང་། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་ཐམས་ཅད་དང་། བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །གཙོ་བོར་གཞན་གྱི་མཐུ་ལས་བྱུང་བའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་དོ། །དེ་ལ་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་ཀྱི་སྟོབས་དང་། དགེ་བའི་རྩ་བ་རྒྱས་པའི་སྟོབས་དང་། ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང་། ཐོས་པ་མང་དུ་གོམས་པས་བསྐྱེད་པ་དང་ལྔའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རྫོབ་སེམས་བསྐྱེད་

|; |@@@ | | }}

ཀུན་རྫོབ་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ཐེག་ཆེན་གྱི་སེམས་བསྐྱེད་གང་ཞིག གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པ་དེའོ།། དེ་ལ་དབྱེ་ན། སྨོན་པ་སེམས་བསྐྱེད་དང༌། འཇུག་པ་སེམས་བསྐྱེད་གཉིས་ཡོད།

{{#arraymap:ཀུན་རྫོབ་སེམས་བསྐྱེད་

|; |@@@ | | }}