22082
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་གཏོར་དབང་ཡིད་བཞིན་ནོར་བུ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཡང་ཟབ་ཐུགས་རྗེ་ཆེ༔ གསང་འདུས་རྒྱུད་དང་མན་ངག་བཅས༔ ལྷོ་གཏེར་འབྲས་བུའི་ཚུལ་དུ་ཡང༔ གནམ་སྐས་བྲག་ལ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཕྱི་མ་ལ༔ སྐལ་ལྡན་སྙིང་པོའི་དོན་རྟོགས་པ༔ སྐལ་ལྡན་ཐུགས་ཀྱི་སྲས་གྱུར་པ༔ དེ་ལྟ་བུ་ལ་གཏད་དེ་རྒྱ༔ ཞེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། གང་ཟག་སྤྲོས་པ་ལ་མི་དགའ་བའམ། དབང་ཆེན་མོ་མི་ལྕོགས་པའི་སྐབས་སུ་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་གཏོར་དབང་བསྡུས་པ་ཇི་ལྟར་བསྐུར་བའི་ཐབས་བསྟན། |
{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་གཏོར་དབང་ཡིད་བཞིན་ནོར་བུ་
|; |@@@ | | }}