22086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་ཆོག་རིན་པོ་ཆེ་གཏེར་གྱི་བུམ་པ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་ཆོག་རིན་པོ་ཆེ་གཏེར་གྱི་བུམ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ འཇིག་རྟེན་གསུམ་མགོན་འགྲོ་བའི་སྐྱབས་གཅིག་པུ༔ འདི་ཡིས་སྙིགས་མའི་འགྲོ་བ་སྨིན་བྱའི་ཕྱིར༔ ཡང་ཟབ་དབང་གི་རིམ་པ་བསྟན་པར་བྱ༔ སྙིགས་དུས་ལས་ཅན་སྐྱེས་བུས་འདི་སྤྱོད་ཤོག༔ ཅེེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ཁྱིའི་ལོ་ལ་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། སྙིགས་མའི་འགྲོ་བ་རྣམས་ཀྱི་རྒྱུད་སྨིན་པར་བྱ་བའི་ཕྱིར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བུམ་དབང་གི་རིམ་པ་བསྟན།

{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་ཆོག་རིན་པོ་ཆེ་གཏེར་གྱི་བུམ་པ་

|; |@@@ | | }}