22090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མཆོད་འབུལ་རིན་པོ་ཆེའི་ཕྲེང་བ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མཆོད་འབུལ་རིན་པོ་ཆེའི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། མཆོད་འབུལ་རིན་ཆེན་ཕྲེང་བ་འདི༔ གསང་འདུས་སྒྲུབ་ཆེན་ཆ་ལག་ཏུ༔ ཨོ་རྒྱན་ཆེན་པོའི་གསུང་བཞིན་དུ༔ བདག་འདྲ་བཙུན་པ་མཆོག་དབྱངས་ཀྱིས༔ ཤོག་སེར་བཀོད་དེ་གཏེར་དུ་རྩལ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། ཕྱི་ནང་གསུམ་གྱི་སྒོ་ནས་ཐུགས་རྗེ་ཆེན་པོའི་མཆོད་པ་འབུལ་ཐབས་ཀྱི་ཆོ་ག་བསྟན།

{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་མཆོད་འབུལ་རིན་པོ་ཆེའི་ཕྲེང་བ་

|; |@@@ | | }}