22091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཞལ་གདམས་གསལ་བའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཞལ་གདམས་གསལ་བའི་སྒྲོན་མེ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཞལ་གདམས་ཡང་ཞུན་གསལ་བའི་སྒྲོན་མེ་འདི༔ འཕྲི་སྣོན་མེད་པར་ཤོག་སེར་ངོས་ལས་བཏབ༔ མ་འོངས་དུས་ན་ལས་ཅན་སྙིང་གི་བུ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ནི། མཁར་ཆེན་བཟས་གུ་རུ་ལ་ཞུས་པ་བཞིན་མ་འོངས་པའི་དུས་སུ་ཆོས་བྱེད་དང་མཁས་པ་བཙུན་པ་སོགས་ཇི་ལྟར་འབྱུང་བ་དང་། དེ་དག་གིས་ལས་བཟང་ངན་ཇི་ལྟར་བྱས་པས་འབྲས་བུ་བཟང་ངན་ཇི་ལྟར་འཐོབ་ཚུལ་ལུང་བསྟན་པའི་སྐོར་གསལ།

{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ཞལ་གདམས་གསལ་བའི་སྒྲོན་མེ་

|; |@@@ | | }}