22094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ཞེས་བྱ་བ༔ སློབ་དཔོན་པདྨས་མཛད་པ༔ བདག་འདྲ་ཨ་ཙ་ར་ཡེ་ཤེས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་ཡི་གེར་བཀོད་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཚོགས་གཉིས་མཐར་ཕྱིན་ནས་དོན་གཉིས་བསྒྲུབ་པའི་ཕྱིར་སྔོན་འགྲོའི་ཆོས་སྐྱབས་སུ་འགྲོ་བ་སོགས་བཅུ་དང་། དངོས་གཞི་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་དང་། རྗེས་ཆེ་བ་བརྗོད་པ་གསུམ་གྱི་སྒོ་ནས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་གི་ཆོ་གའི་རིམ་པ་བསྟན།

{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་

|; |@@@ | | }}