22095
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་ཡིད་བཞིན་ནོར་བུ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། པདྨ་ང་ཡི་ཐུགས་བཅུད་སྙིང་པོའི་གཏེར༔ ལྷོ་གཏེར་རིན་ཆེན་འབྲས་བུའི་ཚུལ་དུ་སྦས༔ མ་འོངས་ཐ་མ་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་ཐུགས་ཀྱི་སྲས་དང་ཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རུ་རྒྱས་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། དཔལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐོར་འདི་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར། རིགས་བདག་འོད་དཔག་མེད་ཀྱིས་ཉིད་ལས་མི་གཞན་འཁོར་སྤྱན་རས་གཟིགས་སོགས་ལ་གསུངས་པའི་གསང་བ་ཟབ་མོ་འདི་ཉིད་རིམ་བཞིན་དར་ཚུལ་གྱི་ལོ་རྒྱུས་བསྟན། |
{{#arraymap:ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལོ་རྒྱུས་ཡིད་བཞིན་ནོར་བུ་
|; |@@@ | | }}