2210
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཁས་པ་སྟེ། ཤེས་བྱ་ཀུན་རིག་པའམ་ཤེས་པས་སོ། ། |
Type | མངོན་བརྗོད། |
{{#arraymap:ཀུན་རིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། བྱ་རྒྱུད། རྣལ་འབྱོར་རྒྱུད་ཀྱི་རྩ་རྒྱུད་དེ་ཉིད་བསྡུས་པ་ལ་ནང་གསེས་དུམ་བུ་བཞི་སྟེ། རྡོར་དབྱིངས། ཁམས་གསུམ་རྣམ་རྒྱལ། འགྲོ་འདུལ། དོན་གྲུབ་ཡོད་པ་ལས། དུམ་བུ་གཉིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་ཁོངས་གཏོགསབཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོགས་པ་ནས་གསུངས་པའི་ལྷ་ཞིག་གི་མཚན་ཡིན། ཡོངས་གྲགས་སུ་ཀུན་རིག་རྣམ་པར་སྣང་མཛད་ཅེས་ཟེར། འདི་ལ་སྤྱི་བཀའ་དང་ཟུར་བཀའི་དབང་གཉིས་ཡོད་པའི་སྤྱི་བཀའི་དབང་ནི་མི་ཏྲ་བརྒྱ་རྩའི་ཐུན་མོང་མ་ཡིན་པའི་ལྷ་དྲུག་ཅུ་རེ་དྲུག་གི་ནང་ཚན་ཉི་ཤུ་རྩ་དྲུག་པར་ཡོད་ཅིང་། ཟུར་བཀའི་དབང་ནི་ཐོ་ཡོན་བླ་མ་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་མཛད་པའི་ཀྱིལ་ཆོག་ནོར་བུའི་ཕྲེང་བ་དང་། ས་སྐྱ་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའི་ཆོག་སྒྲིགས་པོད་ཆ་པའི་ནང་ཡོད། |
Domain | ཆོས་ལུགས། |
{{#arraymap:ཀུན་རིག་
|; |@@@ | | }}