22103
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔའི་གསང་ཁྲིད། ཅེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་གདན་དྲངས། འདིའི་ནང་དོན་ལ། ལུས་བསྐྱེད་པ་ལྷའི་འཁོར་ལོ་དང། ངག་བཟླས་པ་སྔགས་ཀྱི་འཁོར་ལོ། སེམས་སྟོང་པ་ཆོས་ཉིད་ཀྱི་འཁོར་ལོ། ཟས་བདུད་རྩི་སྨན་གྱི་འཁོར་ལོ། སྤྱོད་ལམ་བག་ཡངས་ཀྱི་འཁོར་ལོ་བཅས། འཁོར་ལོ་ལྔའི་སྒོ་ནས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཚང་ལ་མ་ནོར་བ་བསྟན། |
Domain | ཆོས་ལུགས། |
{{#arraymap:ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔའི་གསང་ཁྲིད་
|; |@@@ | | }}