22106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེ་ཆེན་པོ་ལ་འཇུག་པ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ གཏི་མུག་གི་མུན་པར་ཞུགས་པའི་འཇིག་རྟེན་གནས་པ་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢ མ་རིག་པ་ཆེན་པོ་སྒོ་ངའི་སྦུབས་སུ་ཆུད་པའི་འཇིག་རྟེན་གནས་པ་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༣ འཁོར་བ་ཆེན་པོར་ལྷུང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༤ རྟག་ཏུ་གཡེན་སྤྱོ་ཞིང་མ་ཞི་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༥ ཉོན་མོངས་པའི་ཆུ་བོ་ཆེན་པོས་ཁྱེར་བའི་སེམས་ཅན་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༦ གཡང་ས་ཆེན་པོ་ནས་ལྷུང་ཞིང་སྡུག་བསྔལ་ཆེན་པོ་མྱོང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༧ ལམ་ངན་པར་ཞུགས་པའི་སེམས་ཅན་འཕགས་པའི་ལམ་དང་བྲལ་བ་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང༌། ༨ ཉོན་མོངས་པ་ཆེན་པོའི་བཅིང་བས་བཅིངས་པ། རྟག་ཏུ་དཀྲི་བས་དཀྲིས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༩ ཡུན་རིང་པོར་ཡུལ་གྱིས་དགང་དཀའ་ཞིང་ངོམས་མི་ཤེས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༠ སྲེད་པས་འཁོལ་ཅིང་རྟག་ཏུ་གཞན་གྱི་དབང་དུ་གྱུར་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༡ རྒ་ཤིས་ཡོངས་སུ་མནར་ཞིང་ཤིན་ཏུ་ཉོན་མོངས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༢ ནད་སྣ་ཚོགས་མང་པོས་ཡོངས་སུ་མནར་ཞིང་རྟག་ཏུ་ནད་པར་གྱུར་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༣ མེ་གསུམ་རབ་ཏུ་འབར་ཞིང་རྟག་ཏུ་སྲེག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༤ དམན་ཞིང་ཡོངས་སུ་མ་དག་ལ་འཁོར་བ་རྣམ་པར་འཕེལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༥ རྟག་ཏུ་སྐྲག་ཅིང་རྟག་ཏུ་ཡིད་སྐྲག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༦ རོ་བྲོ་བ་ཆུང་བ་ལ་ཆགས་ཤིང་ཉེས་དམིགས་མ་མཐོང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༧ དྲེགས་པ་སྣ་ཚོགས་མང་པོས་སྨྱོས་ཤིང་ཡུན་རིང་པོར་གཉིད་ཀྱིས་ལོག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༨ དགོན་པ་ཆེན་པོའི་ལམ་དུ་ཞུགས་ཤིང་གསོད་པ་རྟག་ཏུ་ཕྱི་བཞིན་འབྲང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༡༩ རྟག་ཏུ་གནོད་པར་གྱུར་ཅིང་དུས་ཐམས་ཅད་དུ་འཇུག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༠ མ་རིག་པས་ལོང་བར་གྱུར་ཅིང་རྟག་ཏུ་རབ་རིབ་ཀྱིས་བསྒྲིབས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༡ ཐགས་འཁྲུགས་པ་ལྟ་བུར་གྱུར་ཅིང་དྲུ་བུ་འཛིངས་པ་ལྟ་བུར་གྱུར་ལ་རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༢ གནོད་པ་དང་ལྡན་ཞིང་གནོད་པ་མ་མཆིས་པ་དང་བྲལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༣ མི་ཁོམ་པ་དང་ལྡན་པར་གྱུར་ཅིང་དལ་བ་དང་བྲལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༤ ཐེ་ཚོམ་ཅན་དུ་གྱུར་ཅིང་ལོག་པར་ལྟ་བར་ཞུགས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༥ ཤིང་བལ་གྱི་འདའ་བ་ལྟར་གྱུར་ཅིང་ལྟ་བ་སྣ་ཚོགས་ལ་བརྟེན་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༦ འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང༌། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དང༌། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང༌། དངོས་པོ་མ་མཆིས་པ་ལ་དངོས་པོ་མཆིས་པར་འདུ་ཤེས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༧ ཁུར་གྱིས་གཟིར་ཅིང་ཡུན་རིང་པོ་ནས་དུབ་སྟེ་སྡུག་བསྔལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༨ མཐུ་ཆུང་བ་ལ་བརྟེན་ཅིང་སྙིང་པོ་མ་མཆིས་པ་སྙིང་པོར་འདུ་ཤེས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༢༩ རྟག་ཏུ་ཉེ་བར་ཉོན་མོངས་པ་དང་ལྡན་པར་གྱུར་ཅིང་དྲི་མས་གོས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང༌། ༣༠ སྲིད་པའི་འདོད་ཆགས་ཀྱིས་བརླགས་ཤིང་ཡིད་ཞུམ་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༣༡ རྙེད་པ་དང་བཀུར་སྟིའི་ཟིལ་གྱིས་ནོན་ཅིང་རྟག་ཏུ་རྙེད་པ་ཚོལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ། ༣༢ མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམ་པ་མང་པོས་གཟིར་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་སྐྱེ་བ་སྟེ། དགེ་སྦྱོང་གཽ་ཏ་མ་དེ་ནི། རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དང་ལྡན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །
Domain ཆོས་ལུགས།

{{#arraymap:ཐུགས་རྗེ་ཆེན་པོ་ལ་འཇུག་པ་སོ་གཉིས་

|; |@@@ | | }}