22121
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ཉེར་གཉིས་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པ་དོན་གྱི་རྒྱུད་ལས། ཏིང་ངེ་འཛིན་གྱི་ཟུང་ཆུང་༼ཟུངས་འཆུན༽ཞིང། དམིགས་པ་འབེན་ལ་གསལ་བཏབས་ན། ཐུགས་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིན། ཞེས་པས། དེ་དག་གི་ཚིག་དོན་ནི། སྤྲུལ་པའི་སྐུ་དེ་ཉིད་མི་གཡོ་མཉམ་པའི་ཏིང་འཛིན་གྱི་ངང་དུ་བཞུགས་ཤིང་མི་མཐུན་ཕྱོགས་གང་གིས་བསྐྱེད་དུ་མི་མངའ་བས། དམིགས་ཡུལ་ལ་ཕྱོགས་མེད་པར་ཐུགས་བརྩེའི་དམིགས་འབེན་གདུལ་བྱའི་ཞིང་ལ་དུས་རྟག་ཏུ་གསལ་འདེབས་པར་མཛད་པའི་དོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཐུགས་རྗེ་ལྕགས་ཀྱུའི་ཕྱག་རྒྱ་
|; |@@@ | | }}