22125

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེའི་དྲག་ཚད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བདེ་བར་གཤེགས་པ་ཡི་དམ་གང་ཉིད་དུས་རྟག་ཏུ་ཐུགས་ཉིད་ཞི་བ་དང་སྙིང་རྗེའི་ངང་དུ་བཞུགས་ནའང་། གདུལ་བྱ་མ་རུང་བློ་རྒོད་ཅན་རྣམས་ཟིལ་གྱིས་གནོན་ཞིང་གདུལ་བའི་དོན་དུ་ཐུགས་རྗེས་ཐབས་སུ་དགོངས་ཏེ། ཕྲིན་ལས་འཇིགས་རུང་དྲག་པའི་རྣམ་པར་སྟོན་པ་ལ་ཐོགས་རྡུགས་མི་མངའ་བའི་ཚད་རབ་ཏུ་རྫོགས་པར་སྟོན་པ་ཞིག་ལ་བྱའོ། །དེ་ལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་ན། དྲག་པོའི་ཚད་ནི། ནམ་མཁའི་ཐོག་དང་འདྲ་བ། མང་བའི་ཚད་ནི། རྫུ་འཕྲུལ་གྱི་སེར་བ་དང་འདྲ་བ། སྒྲ་སྐད་ཀྱི་ཚད་ནི། ང་རྒྱལ་གྱི་གཡུ་འབྲུག་དང་འདྲ་བ། མྱུར་བའི་ཚད་ནི། བར་སྣང་གི་གློག་དང་འདྲ་བ། དཔུང་གི་ཚད་ནི། དབྱར་ཁའི་སྤྲིན་དཔུང་དང་འདྲ་བ། ཁ་དོག་གསལ་བ་རང་བཞིན་མེད་པའི་ཚད་ནི། ཚ་གྲང་སྤྲུལ་པའི་གཞའ་ཚོན་དང་འདྲ་བ། བཟུང་དུ་མི་ཟིན་པའི་ཚད་ནི། ཐང་ཀའི་སྨྲིག་རྒྱུ་དང་འདྲ་བ། སྟོབས་ཤུགས་ཀྱི་ཚད་ནི། བསྐལ་པའི་འབྱུང་བ་དང་འདྲ་བ། ལྗི་ཞིང་བརྗིད་པའི་ཚད་ནི། རི་རབ་དང་འདྲ་བ། གཏིང་དཔག་ཟབ་པའི་ཚད་ནི། རྒྱ་མཚོ་དང་འདྲ་བ། ཆོ་འཕྲུལ་འབྱུང་བའི་ཚད་ནི། ནམ་མཁའ་དང་འདྲ་བ་བཅས་བཅུ་གཅིག་ཏུ་བཤད་དོ། །འདི་དག་ནི་བདེ་བར་གཤེགས་པ་ཡི་དམ་ཞི་ཁྲོ་གཉིས་ལས་ཁྲོ་བོའི་དཔག་རྟགས་བརྒྱད་ཅུའམ་ཁྲོས་པའི་མཚན་ཉིད་བརྒྱད་ཅུའི་ཁོངས་སུ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུགས་རྗེའི་དྲག་ཚད་

|; |@@@ | | }}