22135

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་རྗེའི་སྤྱན་རས་སོ་པ་མཁན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་སྲིད་པའི་འཇིགས་པ་ལས་བྲལ་འདོད་རྣམས་ལ་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱིས་གཟིགས་པས་སོ་པ་མཁན་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ང་ནི་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱིས་གཟིགས་པས་སོ་པ་མཁན་ཏེ། འཁོར་བའི་དགྲ་དཔུང་བདག་འཛིན་ལས་ཉོན་གྱི་འཇིགས་པ་ལས། གདུལ་བྱ་ཐམས་ཅད་བསྐྱབ་པར་དམ་བཅས་ཀྱིས། སྲིད་པའི་འཇིགས་པ་དང་བྲལ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག ཅེས་གསུངས།
Domain ཆོས་ལུགས།

{{#arraymap:ཐུགས་རྗེའི་སྤྱན་རས་སོ་པ་མཁན་

|; |@@@ | | }}