2214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རིག་གི་བུམ་པའི་བཟླས་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བུམ་བཟླས་ལ། བུམ་པ་རྒྱས་པ་ནི། མཆོད་པའི་བུམ་པ་བཅུ་དྲུག དབང་བསྐུར་བའི་བུམ་པ་ལྔ། རྣམ་རྒྱལ་དང་ཉི་ཤུ་རྩ་གཉིས་དགོས་ཏེ། དེ་དག་ཀྱང་རྡོ་རྗེ་འབྱུང་བར། རིན་པོ་ཆེའམ་ས་ལས་བྱས་པ་རྩ་བ་ནག་པོ་མེད་པ་སོགས་འབྱུང་བའི་རྩ་བ་དང་ནག་པོ་མེད་པ་སྟེ་ཞབས་སྟེགས་མེད་པའོ། །འབྲས་ས་ལུའམ། ས་དཀར་གྱིས་བྱུག བགེགས་བསྐྲད་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། མཆོད་པའི་བུམ་པ་ལ་མཚན་མ་མེད། རྣམ་རྒྱལ་བུམ་པ་ལ་རིགས་ཀྱི་མཚན་མ་ཚང་བར་དགོད། དབང་གི་བུམ་པ་རེ་རེ་ལ་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེའི་མཚན་པའོ། །མགུལ་པར་རས་དཀར་པོ་ཁ་ཚར་མ་ཉམས་པ། ཡལ་འདབས་དང་ལྡན་པས་ཤིང་གི་ཁ་རྒྱན། རྣམ་རྒྱལ་དབུས་དང་། དབང་གི་བུམ་པ་ཕྱོགས་བཞི་དབུས་དང་ལྔར་བཀོད། མཆོད་པའི་བུམ་པ་རྣམས་ཁོར་ཡུག་ཏུ་བཀོད། མ་འབྱོར་ན་མཆོད་པའི་བུམ་པ་ཁམས་ཕོར་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ་བཏུབ་རྗེ་བཙུན་གསུང་། རྣམ་རྒྱལ་དང་དབང་གི་ལྔའམ། དེ་མ་འབྱོར་ན་རྣམ་རྒྱལ་གཅིག་པུའོ། །སྦྱོང་རྒྱུད་ནས་ལས་བུམ་མ་བཤད་ཀྱང། ཀུན་སྙིང་གིས། རྡོ་རྗེ་གནོད་དང་ལྡན་པས། བུམ་པ་གང་བ་བཞག་པར་བྱེད། ཅེས་དང། རྡོ་རྗེ་འབྱུང་བར་ཡང་ལས་བུམ་ལ་སྣ་ཚོགས་རྡོ་རྗེའི་མཆེ་བ་གདགས་གསུང་ངོ་། །རྣམ་རྒྱལ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་པར་བཤད་པའང་ཡོད་པ། ལས་བུམ་དང་ཐུན་མོང་བྱས་ཏེ། རྣམ་རྒྱལ་དུ་རྡོར་སེམས་བསྐྱེད་ན། དེ་གཡོན་དུ་གནོད་སྦྱིན་བསྐྱེད་དེ། བུམ་པ་གཉིས་ཡོད་ན་གཅིག་ཏུ་རྡོ་རྗེ་གནོད་སྦྱིན་བསྐྱེད། རྣམ་རྒྱལ་དུ་དཀྱིལ་འཁོར་ཡོངས་རྫོགས་པའམ་རྡོར་སེམས་བསྐྱེད་པའང། ལྷ་མ་བསྐྱེད་ཀྱང་རུང་ངོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་ཀུན་རིག་ངོ་མཚར་ལེགས་བཤད་ཀུན་བཏུས་ལས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་གི་བུམ་པའི་བཟླས་པ་

|; |@@@ | | }}