22143
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། ཐུགས་ཀྱི་རྟེན་ནི་འགྲོ་བ་མིའི་ངལ་རྩོལ་ལ་མ་བརྟེན་པ་ནང་སེམས་ཉིད་སྟོང་པའི་ཀློང་ནས་བྱུང་བའི་རིགས་ཏེ། དབྱིངས་ནས་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ལ་སོགས་དང་། རྒྱུ་རྐྱེན་རགས་པའི་ཆ་གསེར་དངུལ་དང་གང་ཟག་རྣམས་ཀྱི་འབད་པ་ལ་བརྟེན་ནས་གྲུབ་པའི་མཆོད་རྟེན་ཏེ་ཕྱིའི་ཡུལ་ལ་འཇུག་པའི་དབང་ཤེས་སོགས་ཀྱིས་སྣང་དུ་རུང་བའི་ཅིར་ཡང་སྤྲུལ་སྐུའི་མཆོད་རྟེན་རྣམས་ཐུགས་ཀྱི་རྟེན་ཡིན་ཏེ། འདུལ་བ་དུས་བརྩན་སྡོམ་བྱེད་རྒྱུད་ལས། ཐུགས་རྟེན་རང་བྱུང་གང་བཞུགས་དང་། ཕྱི་ནང་མཆོད་རྟེན་གང་བཞུགས་དེས་ཁུམས། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐུགས་རྟེན་
|; |@@@ | | }}