2215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རིག་གི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཆོ་གར་གཏོགས་པའི་ཀུན་རིག་གི་ལྷའི་རྟེན་གཏོར་ཡིན། རྒྱུ་ནི་འབྲུ་དཀར་ཕྱེ་ལ་སྨན་སྣ་སོགས་བཏབ་བཅའ་སྟེ། བཅའ་སྟངས་ནི། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཏོར་མ་གསས་ཁང་རུ་བཞིའི་སྟེང་དུ། ཟླུམ་པོ་གཅིག་ལ་བཞིས་བསྐོར། ཞེས་དང། ཡིད་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གསས་ཁང་རུ་བཞིའི་སྟེང་དུ་ལྷ་བཤོས་གཅིག་ལ་ཞལ་ཟས་བཞི་བཤམ། ཞེས་སོ། །དེའི་མཐུན་རྫས་ལ། དཀར་མངར་ཀྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་གི་རྟེན་གཏོར་

|; |@@@ | | }}