22156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། ཆོས་སྐུ་མི་རྟོག་ཆེན་པོའི་ཐུགས། ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། མི་ཕྱེད་རྡོ་རྗེའི་ཐུགས། མངོན་བྱང་གིས་ཅིར་ཡང་ས་ལེར་མཁྱེན་པའི་ཐུགས་སོ། །
Domain ཆོས་ལུགས།

{{#arraymap:ཐུགས་ལྔ་

|; |@@@ | | }}

ཐུགས་ལྔ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག ཐུགས་ལྔ་ནི། ཡེ་ཤེས་ལྔ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དངོས་པོ་མེད་པར་གསལ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས། རྟོག་པ་མེད་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས། བཟང་ངན་མེད་པར་གསལ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་སོ་སོར་རྟོག་པའི་ཡེ་ཤེས། བདག་གཞན་གྱི་བྱ་བ་རྩོལ་མེད་དུ་བསྒྲུབ་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། ཞེས་དང་། ཡིད་ཀྱི་མུན་སེལ་ལས། ཐུགས་ལྔ་ནི། ཀུན་ལ་དབྱེར་མེད་དུ་ཁྱབ་པའི་ཡེ་ཤེས་ལྔ་སྟེ། ལམ་རིམ་ལས། ཐུགས་ནི་རང་བྱུང་ཡེ་ཤེས་ལྔ། །ཞེས་སོ། །ཞེས་གསུངས།

{{#arraymap:ཐུགས་ལྔ་

|; |@@@ | | }}