2216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རིག་གི་སྒོས་མཆོད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། སྒོས་མཆོད་ནི་ཡོ་ག་མན་ཆད་ལ་སྤྱི་མཆོད་ཀྱི་ཕྱི་རུ་བཤམ་པ་ཡིན་པས་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་བདུག་སྤོས་མར་མེ་ཞལ་ཟས་གསུམ་ཚན་པ་བཅུ་གཅིག་རེ་ཁོར་ཡུག་ཏུ་བཤམས་པ་ནི་རྩ་བའི་ལྷ་སོ་བདུན་ལ་རེ་རེ། བྱང་སེམས་ཉན་ཐོས་རང་རྒྱལ་ཁྲོ་བོ་ཕྱིའི་ཁོར་ཡུག་པ་རྣམས་ལ་ཕྱོགས་རེར་མཆོད་པ་རེ་རེའོ། །དེའི་ནང་གི་ཕྱོགས་བཞིར་གཙོ་བོའི་ཞལ་བཞི་ལ་སུམ་ཚན་རེ་བཤམ་སྟེ། ཕྱི་ནང་བསྡོམས་པའི་ཕྱོགས་རེར་བཅོ་ལྔ་རེར་བཤམས་པ་ནི་རྒྱས་པ། དེ་ལས་བསྡུ་ན་ཕྱོགས་རེར་སྤོས་མར་མེ་ཞལ་ཟས་གསུམ་ཚན་པ་ལྔ་རེ་སྟེ་ཆ་ཉི་ཤུ་བཤམ། དེ་ལས་བསྡུ་ན་ཕྱོགས་བཞིར་སྤོས་མར་མེ་ཞལ་ཟས་གསུམ་ཚན་པ་གཉིས་རེ་སྟེ་བརྒྱད་ཕུལ། ཤིན་ཏུ་བསྡུ་ན་སྤྱི་མཆོད་ཁོ་ནས་འཐུས་པར་བྱེད། འབྱོར་བ་རྒྱས་ན་ཕྱོགས་རེ་བརྒྱ་རྩ་རེ་ཕུལ་ཀྱང་ཆོག་པར་སེམས་ཏེ། མཆོད་རྫས་ཇི་ལྟར་འབྱོར་བཞིན་མ་བཤམས་ན་ཚོགས་མི་རྫོགས་ཤིང་། མ་འབྱོར་ནའང་གང་འབྱོར་རེ་ཕུལ་བས་ཆོག་པ་ནི་དངོས་ཤུགས་ཀྱིས་ཐོན་པ་ཡིན། སྒོས་མཆོད་ཀྱི་ཞལ་ཟས་ཀྱི་རྒྱན་མིག་སྔར་མཛེས་ཆེད་རས་བྲིས་ལ་ཕྱི་བསྟན། རྡུལ་ཚོན་གྱི་དུས་གཤམ་དཀྲིས་ལ་གནོད་དོགས་ཀྱིས་རྒྱན་ནང་དུ་སྟོན་པ་ཡིན་ནོ། །བཤམ་ཚུལ་ཡང་རྒྱས་འབྲིང་གཉིས་ལ། ནང་ནས་ཕྱིར་ཞལ་ཟས་མར་མེ་སྤོས་རྣམས་རིམ་པ་གསུམ་དུ་བཤམ། བསྡུས་པ་གཉིས་ལ་སྤེལ་མར་བྱ་ཟེར་ཡང། ཕྱག་ལེན་ལ་སྤེལ་མར་མཛད་དོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་གི་སྒོས་མཆོད་

|; |@@@ | | }}