22167

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྒྲུབ་དྲག་པོའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་ལྷོ་བྲག་རཏྣ་གླིང་པའི་ཐུགས་ཏིག་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་དྲག་པོའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་ལྷོ་བྲག་རཏྣ་གླིང་པའི་ཐུགས་ཏིག ཅེས་བྱ་བ་སྟེ། གཏེར་གཞུང་ལས། ཀྱེ་མ༔ ཡང་ཟབ་མཐར་ཐུག་ལྷོ་བྲག་འབྲས་བུའི་ཚུལ༔ ཐུགས་ཀྱི་ཡང་ཞུན་སྙིང་པོ་འདི་སྦས་ཏེ༔ མ་འོངས་རྩོད་ལྡན་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མེ་ཕོ་བྱི་བའི་ལོ་ཆོ་འཕྲུལ་ཡོས་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་ལྷོ་བྲག་མཁར་ཆུ་ནས་གདན་དྲངས། འདིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་གང་ཟག་མོས་པ་ལམ་དུ་བྱེད་ཅིང་སྤྲོས་པ་ལ་མི་དགའ་བ་རྣམས་ལ་གཏོར་མ་ལ་བརྟེན་ཏེ་དབང་བཞི་ནོར་བུ་ལུགས་སུ་བསྐུར་ཚུལ་བསྟན།

{{#arraymap:ཐུགས་སྒྲུབ་དྲག་པོའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བ་ལྷོ་བྲག་རཏྣ་གླིང་པའི་ཐུགས་ཏིག་

|; |@@@ | | }}