2217
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། དཀྱིལ་འཁོར་གྱི་མཐར་སྐོར་དུ་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག ཤར་དང་ཤར་ལྷོར་ཆུ་གཉིས། ལྷོར་མེ་ཏོག ལྷོ་ནུབ་ཏུ་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་བཞི་རྣམས་ཕྱོགས་མཚམས་དྲང་པོར་གྲུ་བཞིར་བཤམ་པ་ནི་སྤྱི་མཆོད་དེ། བདག་མདུན་བུམ་གསུམ་གྱི་མཆོད་པ་ཡིན་པས་སོ། །འདིར་ཆུ་གཉིས་དངོས་བསྟན་ལ་མི་འབྱུང་ཡང་། གཙུག་དགུའི་ཆོ་ག་ལྟར་སྤྱན་འདྲེན་ལ་མཆོད་ཡོན་གཉིས་འབྱུང་བ་ཡིན་ནོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཀུན་རིག་གི་སྤྱི་མཆོད་
|; |@@@ | | }}