22170
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ སློབ་དཔོན་ཉིད་ལ་ལུང་ཞུས་ཏེ༔ ཕྲིན་ལས་རྣམ་བཞི་བསྒྲུབ་པ་དང༔ རྣལ་འབྱོར་ལོངས་སྤྱོད་སྤེལ་བའི་ཕྱིར༔ བྱ་སླ་ཕྲིན་ལས་མྱུར་བསྒྲུབ་ཕྱིར༔ སྦྱིན་སྲེག་ཆོ་ག་བསྟན་པར་བྱ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་སྤྱན་དྲངས། འདིའི་ནང་དོན་ལ། མེ་ཐབ་སྒྲུབ་ཚུལ་དང་། ཏིང་འཛིན་བསྐྱེད་ཚུལ། ལས་ལ་སྦྱོར་ཚུལ། གྲུབ་པའི་རྟགས་བཅས་རིམ་པ་བཞིའི་སྒོ་ནས་སྦྱིན་སྲེག་གི་ཆོ་ག་བསྟན། |
{{#arraymap:ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས་
|; |@@@ | | }}