22171

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྒྲུབ་ཡང་གསང་སྙིང་གི་ནོར་བུ་རྒྱལ་བའི་སྤྱི་སྒྲུབ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་གསང་སྙིང་གི་ནོར་བུ་རྒྱལ་བའི་སྤྱི་སྒྲུབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཡིན༔ དང་དུ་ལོངས་ཤིག་སྐལ་བ་ཅན༔ བླ་མའི་གསང་སྒྲུབ་ཐུགས་བཅུད་འདི༔ ཨུ་རྒྱན་སྐུ་མཚལ་སིནྡྷུ་རས༔ རིན་ཆེན་དངུལ་ཤོག་ཅན་ལ་བཏབ༔ མཁར་ཆུ་གསང་ཕུག་བཞུགས་ཁྲིའི་སྟེང༔ བྲག་ལ་རྒྱ་གསུམ་བཏབ་ནས་སྦས༔ ཤེས་རབ་བློ་ལྡན་སྣ་ཚོགས་སྤྱོད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཡི་གེ་བདག་འདྲ་མཚོ་རྒྱལ་བྲིས༔ ལས་ཅན་བུ་ཡི་སྙིང་ལ་འཆང་༔ ཞེས་དང་། གཏེར་ཆོས་ཀྱི་མཇུག་བྱང་དུ། ཡང་གསང་ཐུགས་ཀྱི་གསང་སྒྲུབ་འདི༔ མཁར་ཆུ་དཔལ་གྱི་སྣ་སྔུན་ནས༔ རཏྣའི་མིང་ཅན་སྐལ་བར་ལྡན༔ ཆུ་སྲིན་གྲེ་བའི་ནང་ནས་བཏོན༔ སྙིང་འདྲའི་བུ་ལ་སྟེར་བ་ལགས༔ དམ་མེད་མི་ལ་ག་ལ་སྟེར༔ ལས་ཅན་མང་པོའི་དཔལ་དུ་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་གི་ཆུ་སྲིན་གྱི་གྲེ་བའི་ནང་ནས་གདན་དྲངས། འདིའི་ནང་དོན་ནི། རང་གི་ལུས་ཀྱི་གནས་དྲུག་ཏུ་ཡི་གེ་དྲུག་བསྲེགས་པས་ཐ་མལ་གྱི་ཞེན་འཛིན་བྲལ་ནས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སྒོ་ནས་ཕྲིན་ལས་དང་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའོ། །

{{#arraymap:ཐུགས་སྒྲུབ་ཡང་གསང་སྙིང་གི་ནོར་བུ་རྒྱལ་བའི་སྤྱི་སྒྲུབ་

|; |@@@ | | }}