22178
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའི་ཐེམ་བྱང་རིན་པོ་ཆེའི་སྒྲོམ་བུ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་དུས་རབས་བདུན་པ་སྤྱི་ལོ་ ༡༤༣༥ དགུང་ལོ་ ༣༣ ཤིང་ཡོས་ལོར་གདན་དྲངས་པའི་གཏེར་ཆོས་ཤིག་སྟེ། ནང་གི་བརྗོད་བྱ་ནི། གཏེར་གཞུང་ལས། གདམས་པ་འདི་ལ་ཆོས་སྐོར་རིམ་གསུམ་སྟེ༔ སྒྲུབ་དང་སྒྲུབ་ཆེན་ཁ་སྐོང་ལས་ཚོགས་སྐོར༔ ༔ཞེས་གསུངས་པ་ལྟར། སྒྲུབ་སྐོར་མ་བུའི་ཐེམ་བྱང་དང་། གསང་སྒྲུབ་ཆེན་མོའི་ཐེམ་བྱང་དང་། ཁ་སྐོང་ལས་ཚོགས་ཀྱི་སྐོར་བཅས་ཆོས་སྐོར་གསུམ་གྱི་སྒོ་ནས་ཐུགས་གཏེར་ཡོངས་རྫོགས་ཀྱི་ཡང་སྙིང་འདུས་པའི་བཀའ་ཡི་ཐེམ་བྱང་། གུ་རུའི་གསུང་བཞིན་ཆད་ལྷག་ཕྲི་བསྣན་མེད་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་པ་ཞིག་ཡིན་ཏེ། ཐེམ་བྱང་འདིའི་མཇུག་བྱང་དུ། བདག་འདྲ་མཁར་ཆེན་བཟའ་ཡིས༔ དུར་ཁྲོད་རྔམས་པ་སྒྲ་སྒྲོག་གི་ཡུལ་སྟོད༔ རྡོ་རྗེ་ཐོད་ཕྲེང་ཐང་གི་གནས་མཆོག་ཆོས་འབྱུང་དཀར་པོའི་བྲག་ཏུ་སྟག་ལོ་བྱ་ཟླའི་ཚེས་བཅུ་ལ་ཡི་གེར་བཀོད་པའོ། །ཞེས་གསལ། |
{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའི་ཐེམ་བྱང་རིན་པོ་ཆེའི་སྒྲོམ་བུ་
|; |@@@ | | }}