22181
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པའི་བླ་མ་སྐུ་གསུམ་བསྒྲུབ་པའི་ཁོག་དབུབ་པྲ་ཁྲིད། ཅེས་བྱ་བ་སྟེ། གཏེར་གཞུང་གི་མཇུག་ཏུ། ཨེ་མ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཐུགས་བཅུད་ཟབ་མོའི་གཏེར་ཁ་ཇི་སྙེད་སྦས༔ ཐུགས་སྒྲུབ་བརྒྱ་དང་རྩ་བརྒྱད་སྦས་མོད་ཀྱང་༔ ཀུན་གྱི་བཅུད་བསྡུས་ཡང་སྙིང་འདི་ཁོ་ན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ པདྨ་བདག་གི་ཐུགས་བཅུད་དམན་རེ་ཀན༔ ལུང་ཐོབ་ཙམ་གྱིས་གནས་ངན་སྐྱེ་བ་གཅོད༔ ཉམས་སུ་ལེན་རྣམས་ཚེ་འདས་སངས་རྒྱས་ཡིན༔ རྗེ་འབངས་གྲོགས་ལྔའི་དོན་དུ་པདྨས་སྦྱར༔ ད་ལྟ་མི་སྤེལ་ལྔ་བཅུ་ཁ་རལ་དུས༔ ལང་གྲོ་ཁྱོད་དང་འཕྲད་ཕྱིར་དཀར་པོའི་གླིང་༔ དགེ་རི་བྲག་དམར་གསང་ཕུག་གོང་མར་སྦེད༔ ལས་ཅན་དེ་དང་ཕྲད་ནས་བུ་ལྔ་ཡིས༔ རང་གཞན་དོན་དུ་འབད་ཅིང་ཚུལ་བཞིན་སྤྱོད༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའི་གཏེར་ཆོས་ཤིག་སྟེ། འདིའི་ནང་དོན་བརྗོད་བྱ་ནི། སྔོན་འགྲོར་རྟེན་གཤོམ་པ་དང་། བསྒྲུབ་རྫས་གཤོམ་པ། བསྙེན་པ་དངོས་བཅས་གསུམ་དང་། དངོས་གཞིར་ཕྱིའི་མཚམས་གཅོད་པ་དང་། ནང་གི་མཚམས་སྡོམ་པ། གསང་བའི་དམ་བཅའ་དང་མཚམས་བཅས་པ་བཅས་གསུམ་དང་། རྗེས་ཀྱི་རིམ་པར་བསྙེན་སྒྲུབ་ཚར་ནས་ལས་ལ་སྦྱོར་བ་དང་། ཕྱི་ནང་གི་མཚམས་འགྲོལ་བ། རྒྱུན་གྱི་དམ་བཅའ་འཛིན་པ་བཅས་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་བླ་མ་སྐུ་གསུམ་བསྒྲུབ་པའི་པྲ་ཁྲིད་ཀྱི་ཁོག་དབུབ་བསྟན། |
{{#arraymap:ཐུགས་སྒྲུབ་ཡང་སྙིང་འདུས་པའི་བླ་མ་སྐུ་གསུམ་བསྒྲུབ་པའི་ཁོག་དབུབ་པྲ་ཁྲིད་
|; |@@@ | | }}