22190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྒྲུབ་སྙིང་པོའི་ཡང་ཞུན་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་སྙིང་པོའི་ཡང་ཞུན་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། ཡང་གསང་ཐུགས་ཀྱི་མཆོག་སྒྲུབ་འདི༔ རྩོད་བྲལ་སྐུ་འབག་འདི་ཉིད་དང་༔ གསང་རྒྱས་བཏབ་སྟེ་གསང་གཏེར་སྦས༔ རྩོད་ལྡན་དུས་ཀྱི་ཐ་མ་ལ༔ ལས་དང་སྐལ་བར་ལྡན་པ་ཡི༔ ཐུགས་སྲས་གཅིག་དང་ཕྲད་ནས་ཀྱང་༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་བསམ་ཡས་ནས་གདན་དྲངས། འདིའི་ནང་དོན་ལ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུས་གསུམ་བདེར་གཤེགས་རྩ་བ་གསུམ༔ ཐུགས་སྲོག་སྙིང་པོ་གཅིག་ཏུ་དྲིལ༔ ཡང་སྒྲུབ་ཐུགས་ཀྱི་གསང་སྒྲུབ་བསྟན༔ འཁོར་བ་དང་ནི་མྱ་ངན་འདས༔ ཀུན་གྱི་སྐྱབས་ནས་བླ་མ་བསྒྲུབ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ ཞེས་པ་ལྟར། སྔོན་འགྲོར་མཐུན་རྐྱེན་བསག་པ་དང་། དངོས་གཞིར་བསྐྱེད་རིམ་གྱིས་ཁོག་དབུབ་པ་དང་། མི་འགྱུར་བའི་ལྟ་བས་གྲུབ་མཐའ་བཟུང་བའི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེ་འབྲུ་གསུམ་དུ་འདུ་ཚུལ་བསྟན་ཅིང་། རྗེས་ལ་དལ་བསྡུ་བ་དང་དབང་བཞི་བླང་བ། སྨོན་ལམ་གདབ་པ་དང་བཀྲ་ཤིས་བརྗོད་པ་བཅས་ཀྱི་སྒོ་ནས་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་བསྟན།

{{#arraymap:ཐུགས་སྒྲུབ་སྙིང་པོའི་ཡང་ཞུན་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་

|; |@@@ | | }}