22194
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྲུག་པ་ཞབས་དྲུང་ཐུགས་སྤྲུལ་སྐུ་ཕྲེང་གསུམ་པ་འཇིགས་གྲགས་ཕྱི་མ་མཆོག་ནི། ཁ་བཞིའི་ཤར་ཕྱོགས་འོན་ཁར་དུ། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ ༡༧༩༡ ལོར་འཁྲུངས། གཞོན་ནུའི་དུས་ནས་གདན་སར་སྤྱན་དྲངས་ཏེ་སེང་ཁྲིར་བཏོན། མཁན་འཇམ་དབྱངས་རྒྱལ་མཚན་ལས་འདུལ་ཁྲིམས་ནས་བཟུང་མདོ་སྔགས་སྨིན་གྲོལ་གདམས་ངག་དང་བཅས་པ་གསན། ཡོངས་འཛིན་འཇིགས་མེད་རྒྱལ་མཚན་ལས་བསྐྱེད་རྫོགས་མན་ངག་དང་བཅས་པའི་ཕྱག་ལེན་སྦྱངས། ཁྲི་སྤྲུལ་འཇིགས་མེད་སེང་གེའི་གདན་ས་ཏ་ལོ་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་རྒྱ་བསྐྱེད་མཛད་དེ་གདན་ས་བཟུང་། དཔལ་གྱི་ཆོས་འཁོར་བསམ་ཡས་ནས་ཆོས་སྐྱོང་ཆེན་པོ་སྤྱན་དྲངས་ཏེ་རྒྱལ་ཁང་བཙུགས། དགུང་གྲངས་ཉི་ཤུར་སོན་པའི་ལྕགས་རྟ་ལ་སྡེ་པའི་ཆབ་སྲིད་ཕྱག་ཏུ་བཞེས་ཏེ་ལུགས་གཉིས་ཀ་བསྐྱངས། དེ་སྐབས་མི་ངན་འགས་དཀྲུགས་ཤིང་ལ་བརྟེན་གསུང་སྤྲུལ་ཡེ་ཤེས་རྒྱལ་མཚན་དང་ནང་འཁྲུགས་ལངས། དེའི་རྐྱེན་གྱིས་ཐུགས་སུན་ཏེ་དགུང་གྲངས་ཉེར་གཅིག་ལ་སྡེ་ཁྲི་སྤངས། སླར་སྔར་གྱི་གདན་སར་གཞོལ་ནས་གསན་བསམ་ཉམས་བཞེས་གནད་སྨིན་མཛད་པའི་མཐར། དགུང་ལོ་བཞི་བཅུ་པ་ལྕགས་སྟག་ ༡༨༣༠ ལོར་གཤེགས་སོ། ། |
{{#arraymap:ཐུགས་སྤྲུལ་གསུམ་པ་འཇིགས་གྲགས་ཕྱི་མ་
|; |@@@ | | }}