22195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྤྲུལ་དང་པོ་འཇིགས་མེད་གྲགས་པ་ (1)
Part of speech མིང་ཚིག
Definition འབྲུག་ཞབས་དྲུང་ཐུགས་སྤྲུལ་དང་པོ་འཇིགས་མེད་གྲགས་པ་མཆོག་ནི། འཁྲུངས་ཡུལ་བོད་རུ་བཞིའི་ནང་ཚན་གཡོ་རུ་གྲྭ་ནང་དུ་ ༡༧༢༤ རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལ་འཁྲུངས། དགུང་ལོ་ཉེར་གསུམ་ལ་གདན་འདྲེན་ཞུས་ཏེ་སེང་ཁྲིར་མངའ་གསོལ་མཛད། མཁན་ཟུར་ངག་དབང་ཕྲིན་ལས་དང་། མཁན་ཁྲི་པ་ཐུབ་དབང་ཤཱཀྱ་རིན་ཆེན་ལས་སྡོམ་པའི་བསླབ་ཚིགས་རིམ་པ་གཉིས་སུ་བཞེས། མཁན་ཁྲི་པ་དེ་དང་གོང་ས་ཁྲི་སྤྲུལ་མི་ཕམ་དབང་པོ། རྡོར་སློབ་བསྟན་འཛིན་ཆོས་རྒྱལ་སོགས་ལས་ཐུན་མོང་ཐུན་མིན་གྱི་གཞུང་དང་། ཤིན་ཏུ་ཐུན་མིན་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་གསན་བསམ་མཐིལ་ཕྱིན་མཛད། དགུང་གྲངས་ཉེར་ལྔ་ནས་ལྕགས་རིའི་གདན་སར་འདག་སྦྱར་ལོ་གསུམ་བཞུགས་ཏེ། རྣམ་པ་ལམ་བྱེད་བསྐྱེད་པའི་རིམ་པ་དང་། མངོན་སུམ་ལམ་བྱེད་རྫོགས་པའི་རིམ་པ་ལ་གནད་དུ་བསྣུན་པས་ཉམས་རྟོགས་བཟང་པོ་འཁྲུངས། སླར་སྐུ་མཚམས་ལས་བཞེངས་ནས་བསྟན་འགྲོར་ཕན་བདེའི་མཛད་ཕྲིན་ལང་ཚོ་བདོ་བའི་སྐབས། ཆུ་སྲིན་རྒྱལ་མཚན་ཅན་གྱི་སྙིང་ལ་ཟུག་རྔུར་གྱུར་ཏེ་གསོལ་ངན་ཕུལ་བའི་རྐྱེན་གྱིས། དགུང་གྲངས་སོ་བརྒྱད་པ་ ༡༧༦༡ ལྕགས་སྦྲུལ་ལོར་གཤེགས་སོ། །

{{#arraymap:ཐུགས་སྤྲུལ་དང་པོ་འཇིགས་མེད་གྲགས་པ་

|; |@@@ | | }}