22196
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྲུག་ཞབས་དྲུང་ཐུགས་སྤྲུལ་སྐུ་ཕྲེང་དྲུག་པ་འཇིགས་མེད་རྡོ་རྗེ་མཆོག་ནི། འབྲུག་ཤར་ཕྱོགས་དྭགས་པོ་དོམ་ཁར་དུ། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ ༡༩༠༥ ལོར་འཁྲུངས། གཞོན་ནུ་ནས་སྤྱན་དྲངས་ཏེ་ཁྲིར་བཏོན། མཁན་དཔལ་ལྡན་སེང་གེ་དང་། ཡོངས་འཛིན་བློ་གྲོས་རིན་ཆེན་ལས་སྨིན་གྲོལ་གདམས་པའི་བདུད་རྩི་བཞེས་ཟིན་ཏེ་སྙིང་པོའི་སྒྲུབ་ལ་གཞོལ་སྐབས་ཙམ་ན། འཁོར་ངན་ལོག་སྒྲུབ་ཀྱི་སྐྱ་བ་རིང་པོས་ཡོན་མཆོད་དད་དམ་གཙང་མའི་ཐུགས་མཚོ་དཀྲུགས་ཏེ། ཉེར་བདུན་པ་ལྕགས་ལུག་ ༡༩༣༡ ལོར། སྡེ་གཟར་རྦ་རླབས་གཡོ་བའི་རྐྱེན་གྱིས་གདན་ས་ཏ་ལོ་དགོན་དུ་གཤེགས་སོ། ། |
{{#arraymap:ཐུགས་སྤྲུལ་དྲུག་པ་འཇིགས་མེད་རྡོ་རྗེ་
|; |@@@ | | }}