22198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་ (1)
Part of speech མིང་ཚིག
Definition འབྲུག་ཞབས་དྲུང་ཐུགས་སྤྲུལ་སྐུ་ཕྲེང་བཞི་པ་འཇིགས་མེད་ནོར་བུ་མཆོག་ནི། ཁ་བཞིའི་ཤར་རྒྱུད་དགྲ་མེད་རྩེར། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ ༡༨༣༡ ལོར་འཁྲུངས། གཞོན་ནུ་ནས་གདན་དྲངས་ཏེ་ཁྲི་འདོན་མཛད། མཁན་འཇམ་དཔལ་ཤེས་རབ་རྒྱལ་མཚན་དང་། ཡོངས་འཛིན་ཡོན་ཏན་རྒྱལ་མཚན་སོགས་ནས་སྨིན་གྲོལ་གདམས་པའི་བདུད་རྩི་ཐུགས་ལ་སྨིན། རང་ལུས་ཐབས་ལྡན་རྣམ་གྲོལ་གྱི་ལམ་ཉམས་སུ་བཞེས་ཤིང་། གཞན་ལུས་ཕྱག་རྒྱ་ཕོ་ཉའི་ལམ་ལ་བརྟེན་ཏེ་འོག་སྒོ་བདེ་ཆེན་གསང་ལམ་ཉམས་སུ་བསྟར་སྐབས། ཕལ་གྱིས་བློར་མ་ཤོང་སྟེ། སྐུར་འདེབས་ཀྱིས་ཐུགས་སུན་ནས་བོད་དུ་བྱོན། སླར་བླ་མའི་གདན་ས་སྤ་གྲོ་སྒོ་རི་ནང་བྱོན་ནས། དགུང་ལོ་སོ་གཅིག་པ་ལྕགས་བྱ་ ༡༨༦༡ ལོར་གཤེགས་སོ། །

{{#arraymap:ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་

|; |@@@ | | }}