22200
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྲུག་ཐུགས་སྤྲུལ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། བོད་ཡར་ཀླུངས་འཕྱོང་རྒྱས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ ༡༧༦༢ ལོར་འཁྲུངས། གཞོན་ནུ་ནས་གདན་དྲངས་ཏེ་ཁྲི་འདོན་མཛད། མཁན་ཡོན་ཏན་མཐའ་ཡས་ལས་འདུལ་བའི་བསླབ་ཚིགས་སྔ་མ་དང་། ཡོངས་འཛིན་ཀུན་བཟང་རྒྱལ་མཚན་ལས་བསླབ་ཚིགས་ཕྱི་མས་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་གསན་བསམ་མཛད་བཞིན་པའི་སྐབས། ཕྲག་དོག་ཅན་འགས་ཟས་ངན་ཕུལ་བའི་རྐྱེན་གྱིས་དགུང་ལོ་ཉེར་བདུན་པ་ས་སྤྲེལ་ ༡༧༨༨ ལོར་གཟུགས་སྐུའི་མེ་ཏོག་ཡལ་ཏོ། ། |
{{#arraymap:ཐུགས་སྤྲུལ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་རྒྱལ་མཚན་
|; |@@@ | | }}