22204
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྟོད་སྐྱིད་གྲོང་གྲྭ་ཞེས་པར་མེས་པོ་ནས་འབར་ཆོས་ལ་གཙོ་བོར་བྱེད་པའི་ཡབ་དབོན་པོ་བློ་བདེའི་སྲས་སུ། རབ་བྱུང་བཅུ་པའི་ལྕགས་གླང་༡༦༠༡ ལོར་འཁྲུངས། གཞོན་ནུ་ནས་རིན་པོ་ཆེ་སངས་རྒྱས་ཆོས་འཕེལ་གྱི་དྲུང་དུ། གཙུག་ཕུད་ཕུལ། མིང་དཀོན་མཆོག་རྒྱལ་མཚན་དུ་བཏགས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གསན་པས། དམིགས་པ་དང་པོ་ཕོགས་པ་ནས་བཟུང་། ཞི་གནས་ཀྱི་ངང་ལ་ཁོར་ཡུག་ཏུ་འགྲོ་བ་བྱུང། དབང་ཁྲིད་མན་ངག་མང་པོ་དང་། ཁྱད་པར་འབའ་ར་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཐོབ། འབའ་ར་བའི་སྤྲུལ་སྐུ་ཀརྨ་གསལ་བྱེད་མཇལ། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས། ཕ་ནམ་མཁའ་རྒྱལ་པོ་ལ། འབར་ཆོས་ཡོངས་རྗོགས་ལྷན་དུ་གསན། གཙང་སྐྱིད་ཚལ་དུ་མཁན་པོ་ངག་དབང་ཆོས་གྲགས་ལ། དགེ་ཚུལ་གྱི་བསླབ་པ་མནོས། ནཱ་རོ་མཁའ་སྤྱོད་མ་སོགས་ཆོས་དུ་མ་ཞུས། དེར་སྒྲིགས་ལ་ཞུགས་ནས་བསྡུས་གྲྭ་སོགས་སྦྱངས། དེ་ནས་ཐུགས་ངེས་འབྱུང་གིས་བསྐུལ་ཏེ། རྩེ་གཅིག་ཏུ་སྒྲུབ་པ་ཁོ་ན་བྱེད་དགོས་དགོངས་ནས། འབའ་རར་ཕེབས། སྤྲུལ་སྐུ་ཀརྨ་གསལ་བྱེད་ལས། ཕྱག་ཆེན་ཆོས་དྲུག་སོགས་ཁྲིད་ཆེན་བརྒྱད་ལ། ཉམས་ཁྲིད་དུ་ལེགས་པར་བསྐྱངས་པས། འབར་ཆོས་ཀྱི་སྒྲོ་འདོགས་ཆོད་པར་གྱུར། འབའ་རར་སྐུ་མཚམས་ལོ་གསུམ་གནང་། ཉམས་རྟོགས་བཟང་པོ་འཁྲུངས། དེ་ནས་ཉང་སྟོད་དུ་ལོ་གཉིས་ལ་དཀའ་སྤྱད་སྡུག་སྒུར་གྱིས་སྒྲུབ་པ་རྩེ་གཅིག་ཏུ་མཛད། རྟ་མགྲིན་གྱི་གཟིགས་སྣང་ཡང་བྱུང་། བླ་མ་ཀརྨ་གསལ་བྱེད་ཀྱི་བཀའ་མ་ཆོག་པར་ཤོང་ཆེན་ཁ་དང་། འབྲང་རྒྱས་སོགས་ལྷོའི་དགོན་ལག་རྣམས་ཀྱི་གདན་ས་ལ་ཕེབས། ལྷོར་སྐུ་མཚམས་ལོ་གསུམ་གནང་། ལྷོ་ཕྱོགས་སུ་སྦྱིན་བདག་རྣམས་ཀྱང་གུས་ཞབས་ཆེ་ཞིང། འགྲོ་ཕན་ཆེ་བ་བྱུང། བླ་མ་ལའང་འབུལ་བ་གཏོས་ཆེ་བ་ཕུལ། དེ་ནས་སྦས་ཡུལ་འབྲས་མོ་ལྗོངས་ལ་བྱོན། རྒྱལ་པོ་ཕུན་ཚོོགས་རྣམ་རྒྱལ་གྱིས་བཀུར། སྦ་སྤུང་དུ་དགོན་པ་ཞིག་འདེབས་པར་མཛད། བྲག་དཀར་བཀྲ་ཤིས་ལྡིང་དུ། སློབ་དཔོན་པདྨས་ཞལ་གཟིགས། བདེ་སྟོང་གི་ཉམས་བཟང་པོ་འཁྲུངས་ནས་མགུར་ཡང་གསུངས། དེར་གཞན་གྱི་ཕྲག་དོག་གིས་དགོན་པ་མེར་བསྲེགས་ཀྱང་། བླ་མའི་གཟིམས་ཁང་ལ་མེ་ཡེ་ནས་འབར་དུ་མ་འདོད་པས། སྐྱེ་བོ་རྣམས་ཧ་ལས་ཤིང། རྒྱལ་པོས་ཀྱང་བླ་མ་གྲུབ་ཐོབ་རང་དུ་འདུག་ཟེར་མོས་པར་གྱུར། དེ་ནས་མོན་ལུགས་ཀྱི་དགོན་པ་བཏབ། ཡུལ་དེར་རྗེ་ཉིད་ཀྱི་བྱིན་རླབས་ཀྱིས་ཤི་བ་སོས་པ་ཡང་མང་དུ་བྱུང། ཞལ་སློབ་རྣམས་ཀྱིས་བོད་ལ་ཕེབས་པར་གསོལ་བ་ཡང་ཡང་བཏབ་པས་འབའ་རར་ཕེབས། ལོ་གསུམ་གྱི་བར་ལ་འབར་ཆོས་གནང། སྒྲུབ་གྲྭར་རས་ཕུད་སོགས་གོང་མ་ན་རིམ་གྱི་བཀའ་སྲོལ་མི་ནུབ་པར་བཙུགས། སླར་སྦས་ཡུལ་འབྲས་མོ་ལྗོངས་སུ་ཕེབས་ཤིང་འགྲོ་དོན་ཡུན་རིང་མཛད་དེ། དགུང་ལོ་གྱ་བདུན་མེ་ཡོས་ ༡༦༨༧ ལོའི་ཟླ་བ་བདུན་པའི་གནམ་གང་ཉིན་གཟུགས་སྐུ་བསྡུས། སློབ་མ་ཡང་འབའ་རའི་སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད། རྟོགས་ལྡན་ནམ་མཁའ་གྲགས་པ། གྲུབ་ཆེན་ངག་དབང་རྒྱལ་མཚན་དང་། ནམ་མཁའ་འབྲུག་གྲགས་སོགས་བྱོན་པའོ། ། |
{{#arraymap:ཐུགས་སྲས་གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན་
|; |@@@ | | }}