22205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་བའི་མེ་རྟ་ཕྱི་ལོ་ ༡༩༠༦ ལོར་ལྷོ་ཁ་གྲྭ་ནང་རྫོང་དུ་ཡབ་བཀྲ་ཤིས་དབང་འདུས་དང་། ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་རྣམ་རྒྱལ་དོན་གྲུབ་ཅེས་ཞུ། ཆུང་དུས་ནས་ལྷོ་ཁ་བྱམས་པ་གླིང་གི་ཆོས་སྒོར་ཞུགས། མཚན་ལ་ཐུབ་བསྟན་ལྷུན་གྲུབ་ཅེས་གསོལ། ལྷ་སར་ཕེབས། སྨན་རྩིས་ཁང་དུ་བཞུགས། མཁས་དབང་མཁྱེན་རབ་ནོར་བུ་དང་། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་། འཇམ་དཔལ་རོལ་བའི་བློ་གྲོས་བཅས་བསྟེན། གསོ་རིག་དང་། རྩིས་རིག་ལ་སྦྱངས། རྭ་སྒྲེང་གིས་རྩེ་དྲུང་ལས་ཚན་གནས་ལྔ་པའི་གོ་གནས་བསྩལ། སྨན་རྩིས་ཁང་གི་རིག་གནས་སྐོར་གྱི་སློབ་ཁྲིད་འགན་ཁུར། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བླ་སྨན་དང་མཁན་ཆུང་གནང་། ཞེ་དགུ་བ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ ༡༩༥༤ ལོར་རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པའི་སྐུ་བཅར་བླ་སྨན་གྱི་འགན་ཁུར། ལྔ་བཅུ་བ་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ཕྱི་ལོ ༡༩༥༥ ལོར་ལྷ་སར་སྐུ་གཤེགས།

{{#arraymap:ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ་

|; |@@@ | | }}