2222

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རིག་རྣམ་པར་སྣང་མཛད་ (1)
Part of speech མིང་ཚིག
Definition གསང་སྔགས་བྱ་རྒྱུད་ལས་བྱུང་བའི་ཡི་དམ་གྱི་ལྷ་ཞིག་སྟེ། སྐུ་མདོག་དཀར་པོ་ཞལ་བཞི་དཀར་ཞིང༌། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་ཤིང༌། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་བྱས་ཤིང༌། ཞི་བའི་གཟིགས་སྟངས་མཛད་ཅིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉི་མའི་འོད་ཀྱིས་རྒྱབ་ཡོལ་མངའ་བ། འདི་ལ་ངན་སོང་སྦྱོང་རྒྱུད། སྦྱོང་རྒྱུད་ཀྱི་བརྟག་པ་ཕྱོགས་གཅིག་པ། ཀུན་སྙིང་གི་ངན་སོང་སྦྱོང་བའི་དཀྱིལ་ཆོག ཀུན་རིག་གི་དཀྱིལ་ཆོག རྡོ་རྗེ་གོ་ཆའི་དཀྱིལ་ཆོག རྡོ་རྗེ་ལྕགས་ཀྱུའི་རྡོར་སེམས་ཡི་གེ་བརྒྱ་བའི་ཆོ་ག ཞི་བ་སྙིང་པོའི་མཆོད་རྟེན་སྒྲུབ་པའི་ཆོ་ག རབ་འབྱོར་བསྐྱངས་ཀྱིས་སྤྱོད་ཐིག་གི་ཆོ་ག།ཤྲདྡྷ་ཀ་རའི་ཐིག་ཆོག རྩ་གསུམ་གྱི་ཆོ་ག སྐལ་བཟང་དགའ་བའི་ངན་སོང་སྦྱོང་བའི་ཆོ་ག རིགས་བྱིན་གྱི་གཙུག་དགུའི་མངོན་རྟོགས་སོགས་བཞུགས་སོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་རྣམ་པར་སྣང་མཛད་

|; |@@@ | | }}