22252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མཐར་ཉེར་བསྡུ་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ཐུན་མཐར་ཉེར་བསྡུ་བྱ་བའི་ཚུལ་བཤད་པ་ནི། མདོར་བྱས་ལས། རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུག ། འཁོར་ལོ་བདེ་བ་ཆེན་པོ་གཅིག་པུ་བཞུགས། །ཞེས་གསུངས་པས་བསྟན། དེ་ཡང་རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུག ཅེས་པས། འཁོར་གྱི་ལྷ་རྣམས་རང་གི་སྐུའི་དཀྱིལ་འཁོར་ལ་སྡུད་པ་དེ་བསྟན། འཁོར་ལོ་བདེ་བ་ཆེན་པོ་གཅིག་པུ་བཞུགས། །ཞེས་པས་གཙོ་བོ་ཡབ་ཡུམ་མི་བསྡུ་བར་བཞུགས་པ་དེ་བསྟན། དེ་ནས་རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་བཀོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་བསམ་ཞིང་། གཞལ་ཡས་ཁང་གི་ཆ་སོ་སོ་ཡང་རང་གི་ལུས་ཀྱི་ཆ་སོ་སོ་ལ་ཐིམ་པར་བསམ་པ་ནི་ཉེར་བསྡུ་དང་པོ་ཡིན་ནོ། །གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་ནས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཧཱུཾ་ཡིག་ཏུ་གྱུར། དེས་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་རྣམས་རྡོ་རྗེ་འཆང་དུ་གྱུར་ནས་རང་གི་འོད་ཟེར་གྱི་དྲངས་ཏེ་རང་ཉིད་ལ་ཐིམ་པ་དང་དུས་མཉམ་དུ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་། ཨོཾ་ཡོ་ག་ཤུངྔྷ་སརྦ་ངྷརྨཱ། ཞེས་སོགས་བརྗོད་པ་ནི་ཉེར་བསྡུ་གཉིས་པ་ཡིན་ནོ། །སྔགས་དོན་ལ་ཨོཾ་གྱི་དོན་བཤད་ཟིན། ཡོ་ག་ནི་རྣལ་འབྱོར། ཤུངྔྷ་ནི་དག་པ། སརྦ་ངྷརྨཱ་ནི་ཆོས་ཐམས་ཅད། ཡང་ཡོ་ག་ནི་རྣལ་འབྱོར། ཤུདྔྷ་དག་པ། ཨ་ཧཾ་ནི་ངའོ་སྟེ། མདོར་ན་རྣལ་འབྱོར་དག་པ་ཆོས་ཐམས་ཅད་རྣལ་འབྱོར་དག་པའི་བདག་ཉིད་དེ་ངའོ་སྙམ་པའི་ང་རྒྱལ་བཞག་ནས་སྒོམ་པར་བྱེད་པ་ཡིན་ནོ། །དེ་འདྲ་བའི་ཉེར་བསྡུ་གཉིས་པ་དེ་ནི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐུན་མཐར་ཉེར་བསྡུ་བྱ་བ་

|; |@@@ | | }}