From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐུན་མཚམས་ (1)
| Part of speech
|
མིང་ཚིག
|
| Definition
|
སྔ་དགོང་ཀྱི་དུས་མཚམས་ཏེ།
|
| Example
|
དམར་སེར་ཐུན་མཚམས་སྤྲིན་གྱི་ལང་ཚོ་ཅན། །གཞོན་ནུའི་གཟུགས་འཆང་འཇམ་དཔལ་ངག་གི་ལྷ། །ལྟ་བུ།
|
ཐུན་མཚམས་ (2)
| Part of speech
|
མིང་ཚིག
|
| Definition
|
ཐུན་དྲུག་སོ་སོའི་བར་མཚམས་ཀྱི་དོན་ཏེ།
|
| Example
|
ཉིན་མཚན་གྱི་ཐུན་མཚམས་སུ་དགེ་སྦྱོར་གཞན་ལ་བརྩོན་ལྟ་བུ།
|
ཐུན་མཚམས་ (3)
| Part of speech
|
མིང་ཚིག
|
| Definition
|
དགོང་མོའི་མིང་སྟེ། ཉིན་མཚམས་གཉིས་ཀྱི་བར་མཚམས་ཡིན་པའི་ཆ་ནས་བཏགས།
|
| Type
|
མངོན་བརྗོད།
|
ཐུན་མཚམས་ (4)
| Part of speech
|
མིང་ཚིག
|
| Definition
|
མཉམ་བཞག་ལས་ལངས་པ་སྟེ་ཏིང་ངེ་འཛིན་གྱི་ཐུན་གྲོལ་ནས་ངལ་གསོ་བྱེད་པ།
|
| Example
|
རྣལ་འབྱོར་ཆེན་པོ་རྣམས་ལ་ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་ཀྱང་། ལས་དང་པོ་རྣམས་ཀྱིས་མཉམ་བཞག་ཐུན་དུ་བཅད་ལ་བྱེད་དགོས་ལྟ་བུ།
|
| Domain
|
ཆོས་ལུགས།
|